ཨ་རིའི་གྲོས་ཚོགས་འཐུས་མི་མཡེ་ཀལ་མེཀ་ཀོལ་ལགས་ཀྱིས་། “ང་གང་དུ་འགྲོ་ཡང་། ངས་རྟག་ཏུ་བོད་མི་ཚོ་དང་མཉམ་དུ་ལངས་རྒྱུ་ཡིན།”ཞེས་གསུངས་པ།
སོ་སོའི་ངོས་ནས་རང་ཉིད་ཀྱི་ནུས་པར་ཡིད་ཆེས་བྱེད་ཚེ། ངའི་བསམ་པར་ལམ་ཁ་ཞིག་གཏན་གཏན་རྙེད་ཀྱི་རེད་བསམ་གྱི་འདུག་ཅེས་གསུངས་བྱུང་།
ས་དགེ་བཀའ་རྙིང་གཡུང་དྲུང་བོན་དང་བཅས་པའི་མཁས་དབང་དང་མཉམ་དུ་ཐའེ་ལནཌི་དང་ཤྲི་ལངྐ་ནས་དགེ་འདུན་པས་མཉམ་ཞུགས་གནང་འདུག
ལ་དྭགས་སེར་བྱེས་རུ་ཐོག་དགོན་དུ་བོད་ཟླ་ ༡༠ པའི་ཚེས་ ༡༥ ཉིན་དཔལ་ལྷའི་དུས་ཆེན་སྲུང་བརྩི་ཞུས་ཤིང་། བོད་ནང་དུའང་དུས་ཆེན་འདི་ཟབ་རྒྱས་ངང་སྲུང་བརྩི་ཞུ་སྲོལ་ཡོད་པ་རེད།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་བྱང་ཕྱོགས་མཁར་ཆུ་པདྨ་གརྦྷ་ཆོས་ཚོགས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུས་པ།
སྔ་མོའི་བོད་ཀྱི་སྒྱུ་རྩལ་དང་རི་མོ་རྣམས་དེབ་གཟུགས་སུ་བཀོད་དེ་ཉར་ཚགས་དང་བརྒྱུད་སྤེལ་གྱི་ཐབས་ལམ་ཞིག་འཚོལ་སྒྲུབ་གནང་བཞིན་ཡོད་པ་རེད།
ཆབ་སྲིད་ཀྱི་ལྟ་བ་ཇི་ཡིན་ལ་མ་ལྟོས་པར་བོད་མི་ཚང་མས་མཉམ་རུབ་ཀྱི་ལས་འགུལ་སྤེལ་རྒྱུའི་སྐུལ་མ་ཐེབས་ཡོད་པ་ས་གནས་ཀྱི་ཚོགས་སྒེར་ཁག་གི་མི་སྣས་བརྗོད་པ།
༡༩༥༩ ལོར་༧གོང་ས་མཆོག་བོད་ནས་རྒྱ་གར་ས་མཚམས་སུ་ཞབས་སོར་འཁོད་སྐབས་རྒྱ་གར་གྱི་འབྲེལ་ཡོད་ལས་བྱེད་ཀྱི་མྱོང་བ་དང་འབྲེལ་ནས་བསྐྱར་དྲན་ཞུས་པ།
རྒྱ་ནག་གི་གནོན་ཤུགས་འོག་བོད་དོན་རྒྱབ་སྐྱོར་བ་ཚོར་དཀའ་ངལ་ཆེ་རུ་འགྲོ་བཞིན་པ།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་ཞབས་ལོ་ ༢༠ ལོན་པ་དང་བགྲེས་ཡོལ་ཕེབས་མཁན་ཁྱོན་ ༡༤ ལ་ཕྱག་རྟགས་བསྩལ་བ།